Bu hangi dil nasıl öğreniriz? Ne translate , Ne Google bulamadım ....
9
●244
- 28-10-2020, 21:03:14སྔ་འགྱུར་རྡོར་གདན་སྨོན་ལམ་ཆེན་མོའི་རྒྱུན་ལས་རྣམ་ནས ་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བའི་ནང་། ལོ་ལྟར་གནས་མཆོག་རྡོ་རྗེ་གདན་དུ་སྔ་འགྱུར་རྙིང་མའི་ས ྨོན་ལམ་ཆེན་མོ་འཚོགས་བཞིན་པའི་སྐབས་བོད་ཟླ་ ༡༢ པའི་ཚེས་ ༨ ཉིན་གྱི་དགོང་མོར་སྨོན་ལམ་ཆེན་མོའི་ལས་དོན་གནང་ཕྱོགས ་དང་། སྔ་འགྱུར་རྙིང་མའི་ཆོས་བརྒྱུད་དང་འབྲེལ་བའི་བསྟན་དོན ་གྱི་བྱ་བ་གལ་ཆེ་ཡོད་ན་གྲོས་བསྡུར་ཐག་གཅོད་བྱ་རྒྱུའི ་ལམ་སྲོལ་ཡོད་པ་བཞིན། ད་ལན་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཐེངས་ ༣༡ པའི་སྐབས་༧སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག ་ལ་རྙིང་མའི་ཁྲི་རབས་བརྒྱད་པའི་མཚན་གནས་འཛིན་པར་གསོལ ་འདེབས་སྙན་སེང་ཞུ་སྐབས། རིན་པོ་ཆེ་མཆོག་གིས་ད་ལྟའི་རྙིང་མའི་དབུ་འཛིན་མཚན་བཞ ེས་གནང་རྒྱུ་དེ་མུར་འགྲོ་ན་མ་འོངས་པར་རྙིང་མའི་བསྟན་ པར་ཕན་ལས་གནོད་ཆེ་བ་ཡོང་རྒྱུའི་ཉེན་ཁ་ཡོད་སྟབས། རྙིང་མའི་དབུ་འཛིན་གྱི་མཚན་གནས་འདོགས་མི་དགོས་པར་རྙི ང་མ་སྤྱི་ལ་ཁྱབ་པའི་སྨོན་ལམ་ཆེན་མོའི་ཚོགས་པ་འདི་ཚགས ་ཚུད་དང༌། དེའི་ཚོགས་གཙོ་དང་རྒྱུན་ལས་བཅས་ཀྱིས་བསྟན་དོན་ཆེད་ཕྱ ག་ལས་གནང་རྒྱུའི་ཐག་གཅོད་གསར་པ་ཞིག་བྱ་ཐུབ་ཚེ་དགེ་མཚ ན་ཆེ་བར་ཡོད་པ་དགོངས་ཚུལ་གསུངས་པར་བརྟེན། གོ་བསྡུར་རིམ་པར་བྱས་མཐར་༧སྐྱབས་རྗེ་ཞེ་ཆེན་རབ་འབྱམས ་རིན་པོ་ཆེ་མཆོག་གི་དགོངས་ཚུལ་དེ་བཞིན་སྤྱི་མོས་ཐག་ག ཅོད་བྱུང་སོང་བས། ད་ནས་བཟུང་བསྟན་འགྲོ་སྤྱི་དང་བྱེ་བྲག་གི་ལས་དོན་ཆེད་ མཉམ་ཞུགས་དགོས་རིགས་ལ་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན ་མོའི་སྒྲིག་འཛུགས་ཀྱིས་འགན་ཁུར་བཞེས་གནང་རྒྱུ་ དང༌། དེ་བརྒྱུད་བླ་ཆེན་ཁག་དང༌། དགོན་སྡེ་ཁག་ལ་བསྟན་འགྲོའི་ལས་དོན་རྣམས་ཀྱི་ཆེད་རེ་བ སྐལ་ཅི་བྱུང་ལ་ཕྱར་གྲུ་མཉམ་འདེགས་ཀྱིས་མཐུན་འགྱུར་གན ང་རྒྱུ་ཐུགས་གཏན་འཁེལ་བས། འབྲེལ་ཡོད་ཚང་མས་དེ་དོན་དགོངས་འཇགས་ཡོང་བར་ཞུ་རྒྱུ་ཡ ིན་སྐོར་བཀོད་འདུག
ཀོད་འདུག